བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་དབྱིན་ཡིག་སྦྱོང་བརྡར་འཛིན་གྲྭ་སྤེལ།
དུས་ཚོད། 2010-4-10 9:31:23 ཀློག་གྲངས་ཐེངས།421
      མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་སྐབས་དང་པོའི་དབྱིན་ཡིག་སྦྱོང་བརྡར་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ་༢༠༡༠ལོའི་ཟླ༣པའི་༢༠སྤེལ།ཚོགས་འདུར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང༌།  ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དབང་ཆེན་ཚེ་བརྟན།  ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དོན་འགྲུབ།  དགེ་རྒན་Kristel Jonnelle Ouwehand  སློབ་མ་ཡོངས་བཅས་ཞུགས་ཡོད།  ཚོགས་འདུའི་འགོ་འཛིན་པ་དོན་འགྲུབ་ཀྱིས་འཛིན་གྲྭའི་ཕྱི་རྒྱལ་དགེ་རྒན་དང༌།  འཛིན་བདག  ཞིང་ཆེན་ཕྱི་ནང་གི་དགེ་རྒན་གྲགས་ཅན་དག་མཚམས་སྦྱོར་བྱས།  དབང་ཆེན་ཚེ་བརྟན་གྱིས་སྦྱོང་བརྡར་འཛིན་གྲྭའི་གལ་ཆེན་རང་བཞིན་དང༌།  སློབ་སྦྱོང་གི་དམིགས་ཡུལ་དང་ཡུན་རིང་གི་འཕེལ་རྒྱས།ལོ་ཙཱ་བཅས་ཀྱི་ཕྱོགས་ནས་བཤད་གླེང་བྱས་པ་མ་ཟད།  ཐེངས་འདིའི་ཕུལ་བྱུང་གི་སློབ་མ་དག་ལ་རྟེན་འབྲེལ་ཞུས།  བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་སློབ་མ་ཡོངས་ལ་སློབ་ཡོན་མེད་པར་དགེ་རྒན་བཟང་པོའི་སློབ་ཁྲིད་གནང་རྒྱུ་ཡིན་པས་དབྱིན་ཡིག་སློབ་པའི་གོ་སྐབས་ཤིན་ཏུ་བཟང༌།  ཐེངས་འདིའི་སྦྱོང་བརྡར་གྱི་ཡུན་ཟླ་དྲུག་ཡིན་ལ།  ཞིང་ཆེན་དང་གྲོང་ཁྱེར་ལྔ་ནས་ཡོང་བའི་སློབ་མ་དང་དགེ་རྒན་སོགས་ལས་རིགས་མི་འདྲ་བ་སོ་སོ་ནས་མི་༧༠ལས་བྱེད་ཐབས་གང་ཡིན་གྱིས་འདེམ་གསེས་བྱས་ནས་མཇུག་མཐར་ཕུལ་བྱུང་སློབ་མ་༢༠བསྡུ་ལེན་བྱས།
 
 


རིགས་མཐུན་ནང་དོན།
  • ༢༠༡༠ལོའི་རྒྱལ་ཡོངས་ནད་གཡོག་པའི་ཚོགས་འདུའི་སྙིང་སྟོབས་ཀྲུང་སྨན་དོ་དམ་ཅུའུ་ཡཱང་ལུང་ཧྲེ་དང་ལྷན་དུ་ངེད་སྨན་ཁང་དུ་ཕེབས།
  • ཆེས་བཟང་བའི་ནད་གཡོག་ཞབས་ཞུ་དཔེ་སྟོན་སྐུལ་སློང་ཚོགས་འདུ་བསྡུས།
  • ངེད་སྨན་ཁང་གིས་ལས་བཟོ་བའི་ཐག་འཐེན་འགྲན་བསྡུར་བསྡུས།
  • ངེད་སྨན་ཁང་གིས་ལུང་མདོ་རྫོང་ས་ཁུག་སྡེ་བར་སྨན་སྤྱིན་བཏང༌།
  • ཨ་རུ་བོད་སྨན་སྡེ་ཚོགས་ཀྱི་༢༠༠༩ལོའི་ལས་འཛིན་པའི་ལྷན་ཚོགས་བསྡུས།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019