༢༠༡༠ལོའི་རྒྱལ་ཡོངས་ནད་གཡོག་པའི་ཚོགས་འདུའི་སྙིང་སྟོབས་ཀྲུང་སྨན་དོ་དམ་ཅུའུ་ཡཱང་ལུང་ཧྲེ་དང་ལྷན་དུ་ངེད་སྨན་ཁང་དུ་ཕེབས།
དུས་ཚོད། 2010-4-10 9:21:40 ཀློག་གྲངས་ཐེངས།411
       ཟླ་༣པའི་ཚེས་༡༢ཉིན་བོད་ལྗོངས་དང༌། ནང་སོག  ཀུང་ཞི།  ཡུན་ནན།  པེ་ཅིན།  ཅི་ལེན།  ཞིན་ཅང་སོགས་ཀྱི་ཞིང་ཆེན་ནས་ཕེབས་པའི་རྒྱལ་ཁབ་ཀྲུང་སྨན་དོ་དམ་ཅུའུ་མི་རིགས་སྨན་གྱི་སྨན་ཁང་གཙོ་གནད་འཛུགས་སྐྲུན་བྱ་བའི་གྲོས་མོལ་ཚོགས་འདུ་ཚབ་མི་རྣམས་རྒྱལ་ཁབ་ཀྲུང་སྨན་དོ་དམ་ཅུའུ་སྨན་སྲིད་སུའུ་སུའུ་ཀྲང་ཡཱང་ལུང་ཧྲེ་དང་ལྷན་དུ་ངེད་སྨན་ཁང་ལ་བྱ་བར་གཟུགས་ཞིབ་དང་མཛུབ་སྟོན་དུ་ཕེབས།ངེད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀླུ་བྱམས་རྒྱལ་དང༌།  དབང་ཆེན་ཚེ་བརྟན།  དོན་འགྲུབ་བཅས་འབྲེལ་ཡོད་འགོ་ཁྲིད་དང་མཉམ་དུ་སྔ་གཞུག་ཏུ་སྨན་ལུམས་ཚན་ཁག་དང༌།  ཕྱི་བཅོས་ཚན་ཁག  ནད་སྡོད་ཐོག་ཁང༌།  ཞིབ་འཇུག་གླིང་སོགས་སུ་གཟིགས་ཞིབ་ཏུ་ཕེབས།
 
       ཁོ་ཚོས་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་བྱེད་ཕྱོགས་ལ་སྤྲོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ།  ངེད་སྨན་ཁང་གི་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཀྱི་སྣང་ཚུལ་ལ་ཡང་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད།བྱ་བའི་གཟུགས་ཞིབ་ཁྲོད་ཡཱང་སུའུ་ཀྲང་གིས་ངོ་ཕན་སྨན་ཁང་གི་བོད་ཀྱི་གསོ་རིག་བྱ་བ་དང་རྒྱ་ཆེ་ནད་པ་ཡོངས་ལ་བཟུང་བའི་ཞབས་ཞུ་འདུ་ཤེས་ལ་བསྟོད་པ་དང༌།  མུ་མཐུད་དུ་སྲོལ་རྒྱུན་བོད་ཀྱི་གསོ་རིག་འཕེལ་རྒྱསདང་རྒྱུན་འཛིན།  རྒྱ་ཆེ་ནད་པ་ལ་སྔར་ལས་ལྷག་པའི་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུ་བསྒྲུབས་པར་རེ་བ་བཏོན།
 

 


རིགས་མཐུན་ནང་དོན།
  • ཆེས་བཟང་བའི་ནད་གཡོག་ཞབས་ཞུ་དཔེ་སྟོན་སྐུལ་སློང་ཚོགས་འདུ་བསྡུས།
  • ངེད་སྨན་ཁང་གིས་ལས་བཟོ་བའི་ཐག་འཐེན་འགྲན་བསྡུར་བསྡུས།
  • ངེད་སྨན་ཁང་གིས་ལུང་མདོ་རྫོང་ས་ཁུག་སྡེ་བར་སྨན་སྤྱིན་བཏང༌།
  • ཨ་རུ་བོད་སྨན་སྡེ་ཚོགས་ཀྱི་༢༠༠༩ལོའི་ལས་འཛིན་པའི་ལྷན་ཚོགས་བསྡུས།
  • ངེད་སྨན་ཁང་གི་སྨན་བཅོས་རུ་ཁག་སྡེ་ཁུལ་དུ་སྤེལ་པའིབྱ་འགུལ་ཞུགས།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019