ཆེས་བཟང་བའི་ནད་གཡོག་ཞབས་ཞུ་དཔེ་སྟོན་སྐུལ་སློང་ཚོགས་འདུ་བསྡུས།
དུས་ཚོད། 2010-4-10 9:19:39 ཀློག་གྲངས་ཐེངས།392
       ཕྱོགས་ཡོངས་ནས་སྤེལ་ཆེད།  རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལས་རིགས་ཡོངས་ནས་“ཆེས་བཟང་བའི་ནད་གཡོག་ཞབས་ཞུ་དཔེ་སྟོན་ལས་ཀའི་”བྱ་འགུལ་གྱི་འབོད་སྐུལ་བཏང་ནས། རྨང་གཞི་ཤེས་བྱ་དང་ནད་ཐོག་ལག་ལེན་གྱི་བྱ་བའི་ཆུ་ཚད་མཐོར་འདེགས་བྱེད་པ།  ཟླ༣་པའི་ཚེས་༡༥ཉིན་གྱི་སྔ་དྲོར་ངེད་སྨན་ཁང་གིས་“ཆེས་བཟང་བའི་ནད་གཡོག་ཞབས་ཞུ་དཔེ་སྟོན་ལས་ཀའི་”སྐུལ་སློང་ཚོགས་འདུ་བསྡུས་པ་མ་ཟད།  སྨན་ཁང་ཡོངས་ཀྱི་ནད་གཡོག་ཁུལ་བརྒྱད་ནས་ཆེས་བཟང་བའི་ནད་གཡོག་ཞབས་ཞུ་ཚོད་ལྟའི་ནད་ཁང་གཉིས་གཏན་ཁེལ་བྱས།ཐེངས་འདིའི་ཚོགས་འདུར་ནད་གཡོག་པུའུ་ཀྲུའུ་རིན་ཀླུ་བརྟན་མཚོ་ཡིས་འགོ་འཛིན་བྱས་ཡིན་ལ།  ཡོན་ཀྲང་གཞོན་པ་སངས་རྒྱས་དང༌། སྤྱི་ནད་གཡོག་འགོ་བ་འཛོམ་སྐྱིད་དང་སྨན་ཁང་ཡོངས་ཀྱི་ནད་གཡོག་བྱ་བ་བསྒྲུབ་མཁན་ཚང་མ་ཚོགས་འདུར་ཞུགས་ཡོད།


རིགས་མཐུན་ནང་དོན།
  • ངེད་སྨན་ཁང་གིས་ལས་བཟོ་བའི་ཐག་འཐེན་འགྲན་བསྡུར་བསྡུས།
  • ངེད་སྨན་ཁང་གིས་ལུང་མདོ་རྫོང་ས་ཁུག་སྡེ་བར་སྨན་སྤྱིན་བཏང༌།
  • ཨ་རུ་བོད་སྨན་སྡེ་ཚོགས་ཀྱི་༢༠༠༩ལོའི་ལས་འཛིན་པའི་ལྷན་ཚོགས་བསྡུས།
  • ངེད་སྨན་ཁང་གི་སྨན་བཅོས་རུ་ཁག་སྡེ་ཁུལ་དུ་སྤེལ་པའིབྱ་འགུལ་ཞུགས།
  • མཚོ་སྔོན་ཞིང་ཆེན་གྱི་ཀྲུང་སྨན་མི་རིགས་གསོ་རིག་ཐོབ་ཐང་ངོས་འཛིན་དཔང་ཡིག་ཕྱོགས་ཡོངས་ནས་ལག་བསྟར་བྱས།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019