༢༠༡༠ལོའི་ཟླ༡པའི་ཚེས༢༣ཉིན་ཨ་རུ་བོད་སྨན་སྡེ་ཚོགས་ཀྱི་༢༠༠༩ལོའི་ལས་འཛིན་པའི་ལྷན་ཚོགས་བསྡུས། ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་འོ་ཚོགས་ཆེན་གྱིས་ཚོགས་འདུ་ལ་འགོ་འཛིན་མཛད། ཚོགས་འདུར་སྡེ་ཚོགས་ཀྱི་༢༠༠༩ལོའི་བྱ་བའི་སྤྱི་སྡོམས་དང་༢༠༡༠ལོའི་བྱ་བའི་བཀོད་སྒྲིག ༢༠༠༩ལོའི་ནོར་རྩིས་སྤྱི་སྡོམས་དང་༢༠༡༠ལོའི་ནོར་རྩིས་སྔོན་རྩིས་སྙན་ཞུར་གྲོས་ཞིབ་གཏན་འབེབས་བྱས། ད་དུང་༢༠༠༩ལོའི་བྱ་བར་བསྟོད་བསྔགས་དང་༢༠༡༠ལོའི་དམིགས་འབེན་ཡིག་ཆར་མིང་རྟགས་བཀོད།
༢༠༠༩ལོ་ནི་དུས་རབས་གསར་བ་འདིའི་ནང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆེས་དཀའ་བའི་ལོ་ཞིག་ཡིན་ལ། སྡེ་ཚོགས་ཀྱིས་ཆེས་དཀའ་ཁག་ཆེ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པ་ལ་ཁ་ཕྱོགས་སྟེ་དེང་སྐབས་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་ནན་ཏན་གྱིས་ཐབས་ལམ་གསར་བ་བཙལ་ནས་མུ་མཐུད་དུ་བོད་ཀྱི་གསོ་རིག་གི་ཁྱད་ཆོས་དང་མཐུན་པའི་ཚན་རིག་འཕེལ་རྒྱས་རྣམ་པ་ཞིག་ལ་འཚོལ་ཞིབ་བྱེད་བཞིན་ཡོད། འགྲན་རྩོད་ཉིད་གོ་སྐབས་སུ་བལྟོས་ནས་མ་རྩ་དོ་དམ་དང༌། བོད་སྨན་གསོ་བཅོས། གསོ་རིག་ཞིབ་འཇུག བོད་སྨན་ཐོན་སྐྱེད། གསོ་རིག་རིག་གནས་དང་སློབ་གསོའི་བྱ་བ་སོགས་ལ་འཕེལ་རྒྱས་གསར་བ་བྱུང་ཡོད།
ཚོགས་འདུའི་བསྒྲགས་དོན། རྒྱ་ཆེའི་ལས་བཟོ་བ་ཡོངས་ཀྱི་ཕྱོགས་ཀུན་ནས་རང་འགུལ་དང་ནན་ཏན་གྱིས་བྱ་བའི་ནུས་པ་མཐོར་འདེགས་གཏོང་དགོས་པ་མ་ཟད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་འཕེལ་རྒྱས་གནས་གསར་བ་ཞིག་ནས་མ་འོངས་མཆོངས་བསྐྱོད་བྱེད་པར་ཧུར་བརྩོན་བྱེད་དགོས།