མཚོ་སྔོན་ཞིང་ཆེན་གྱི་ཀྲུང་སྨན་མི་རིགས་གསོ་རིག་ཐོབ་ཐང་ངོས་འཛིན་དཔང་ཡིག་ཕྱོགས་ཡོངས་ནས་ལག་བསྟར་བྱས།
དུས་ཚོད། 2010-1-7 10:48:50 ཀློག་གྲངས་ཐེངས།487

        ཉེ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐུན་གྱི་ཞིང་ཆེན་ཡོངས་ཀྱིས་ཀྲུང་སྨན་དང་མི་རིགས་གསོ་རིག་སྡེ་ཁག་༢༨༠༠ལྷག་ལ་ཐོབ་ཐང་ངོས་འཛིན་དཔང་ཡིག་ཕྱོགས་ཡོངས་ནས་ལག་བསྟར་བྱས། བྱ་བ་འདིས་ཀྲུང་སྨན་དང་མི་རིགས་གསོ་རིག་གི་ལས་གནས་གཉེར་བའི་མི་སྣས་ལོ་མང་པོར་ཁྲིམས་འགལ་སྨན་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

         ཐོབ་ཐང་ངོས་འཛིན་དཔང་ཡིག་ལག་བསྟར་བྱེད་པའི་བྱ་བ་འདི་ཞིང་ཆེན་ཡོངས་ནས་༡༩༨༩ལོའི་ཟླ༡༢པའི་ཚེས༣༡ཉིན་སྔོན་གྱི་རྫོང་རིམ་པའི་འཕྲོད་བསྟེན་སྡེ་ཁག་གི་ཆོག་མཆན་ཐོབ་པ། འོན་ཀྱང་གསོ་རིག་ཆེད་ལས་ལག་རྩལ་གྱི་ལས་གནས་ཐོབ་ཐང་མེད་པའི་ལག་རྩལ་རྒྱུན་འཛིན་ཅན་གྱི་སྨན་པ་དང་ཁྱད་པར་ཅན་གྱི་ལག་རྩལ་གྱི་ཡོད་པའི་ཀྲུང་སྨན་དང༌། མི་རིགས་གསོ་རིག་ལས་གཉེར་བར་གཅིག་མཐུན་གྱི་དཔྱད་ཞིབ་བྱས་ནས་ཐོབ་ཐང་དཔང་ཡིག་ལག་བསྟར་བྱེད། དཔྱད་ཞིབ་བྱས་པ་ཚད་དང་མཐུན་ན་འཕྲོད་བསྟེན་ཐུན་གྱིས་འཕྲོད་བསྟེན་པུའུ་ཡི་གཅིག་གྱུར་གྱི་དཔར་པའི་<<སྨན་པའི་ཐོབ་ཐང་འཛིན་བྱང་>>སྟེར་རྒྱུ་ཡིན།


རིགས་མཐུན་ནང་དོན།
  • ངེད་སྨན་ཁང་གིས་༢༠༠༩ལོའི་ལོ་མཇུག་སྤྱི་བསྡོམས་དངརིག་རྩལ་སྤྲོ་ཚོགས་བསྡུས།
  • གཅན་ཚ་རྫོང་བོད་སྨན་ཁང་གི་ལས་བྱེད་ཡོངས་ངེད་སྨན་ཁང་དུ་ལག་རྩལ་བརྗེ་རེས་སུ་ཕེབས།
  • ངེད་སྨན་ཁང་གིས་སྨན་ཁང་བདག་གཉེར་ལོའི་ཤེས་བྱའི་རྒྱུགས་བླངས།
  • ཡུན་བདེ་ཆེན་ཁུལ་གྱི་འགོ་ཁྲིད་འཁོར་དང་བཅས་པ་ངེད་སྨན་ཁང་དུ་ཕེབས།
  • ཞིང་ཆེན་བོད་སྨན་ཁང་གིས་སྨན་སྣ་ངོས་འཛིན་གྱི་བྱ་འགུལ་སྤེལ།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019