སྨན་ཁང་བདག་གཉེར་ལོའིབྱ་འགུལ་གཏིང་ཟབ་སྤེལ་ཆེད་སྨན་བཅོས་བདེ་འཇགས་ཁག་ཐེག་དང༌། རྨང་གཞི་སྨན་བཅོས་སྤུས་ཚད་སྲ་བརྟན་དང་ཁག་ཐེག སྨན་བཅོས་ཞབས་ཞུའི་བདེ་འཇགས་རང་བཞིན་དང་གོ་ཆོད་པའི་རང་བཞིན། སྨན་བཅོས་མི་སྣའི་རྩ་བའི་གསོ་རིག་གཞུང་ལུགས། ཆེད་ལས་རྩ་བའི་ཤེས་བྱ། རྩ་བའི་ལག་རྩལ་བཅས་སྲ་བརྟན། ལག་རྩལ་ཆུ་ཚད་མཐོར་འདེགས་བྱེད་པ་དང་ཆེས་བཟང་བས་སྒོ་ནས་ནད་པར་ཞབས་ཞུ་བསྒྲུབ་ཆེད། ༡༡ཟླ་ཚེས༣༠ཉིན་སྨན་བཅོས་ལས་དོན་ཚན་ཁག་གིས་རྩ་འཛུགས་བྱས་ཏེ། སྨན་ཁང་ཡོངས་ཀྱི་འབྲིང་རིམ་ལས་ཚན་མན་གྱི་སྨན་པ་དང་ལག་རྩལ་མི་སྣ། ནད་གཡོག་པ་བཅས་ལ་རྩ་བ་གསུམ་ཤེས་བྱའི་རྒྱུགས་བླངས། ཐེངས་འདིར་རྒྱུགས་ལ་ཞུགས་པའི་མི་༡༧༠ལྷག་ཡོད།