རྒྱ་ཡེ་ཉི་མ། འབུམ་རམས་པ།
དུས་ཚོད། 2010-4-22 17:04:52 ཀློག་གྲངས་ཐེངས།784

     འབུམ་རམས་སྨན་པ། ཕྱོགས་བསྡུས་ཚན་ཁག་གི་ཆེད་མཁས་པ།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང༌། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་ལུས་ཧྲི་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་འཛིན་ཨུ་ཡོན་སོགས་ཀྱི་འགན་བཞེས་ཡོད། གསོ་བཅོས་ལག་ལེན་གྱི་བྱ་བ་གཉེར་ནས་ལོ་ངོ་༦༠ལྷག་འགོར་ཞིང༌། གཞུང་ལུགས་ཀྱི་ཤེས་བྱ་དང་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པར་ལྡན་ལ་ཁྱད་པར་དུ་ཀླད་སྙིང་དང་དབང་རྩའི་ནད་རིགས། འཇུ་བྱེད་མ་ལག་དང་མཆིན་མཁྲིས་ཀྱི་ནད་རིགས་བཅས་ཁོང་ནད་སྣ་ཚོགས་ལ་ཐུན་མོང་མ་ཡིན་པའི་གསོ་ཐབས་ཡོད་པ་དང་གཞན་སྨན་གྱི་སྦྱོར་སྡེ་དང་སྨན་རྫས་ཀྱི་དུག་འདོན་སོགས་ལ་བྱང་ཆུབ་པར་ཡོད། སྔ་གཞུག་ཏུ་འབྲེལ་ཡོད་ཀྱི་དཔེ་ཆ་དང་དཔྱད་རྩོམ་སོགས་མི་ཉུང་བ་ཞིག་སྤེལ་ལ་འབྲས་བུ་གཟེངས་སུ་ཐོན་པར་ཡོད། 
     སྒོ་བསྟེན་གསལ་བའི་དུས་ཚོད་གཟའ་ཟླ་བ་དང་གཟའ་ལྷག་པ། གཟའ་པ་སངས་བཅས་ཡིན།


རིགས་མཐུན་ནང་དོན།
  • འོ་ཚོགས་ཆེན། འབུམ་རམས་པ།
  • སངས་རྒྱས། འབུམ་རམས་པ།
  • པད་མ་དབང་གྲགས། འབུམ་རམས་པ།
  • བློ་འབའ། འབུམ་རམས་པ།
  • ཀླུ་བྱམས་རྒྱལ། འབུམ་རམས་པ།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019