
སྨན་པ་འབུམ་རམས་པ། དགེ་རྒན་ཆེནམོ། མཚོ་སྔོན་ཞེང་ཆེན་གསོ་རིག་སློབ་གླིང་གསོ་བཅོས་སྡེ་ཁག་ནས་མཐར་ཕྱིན་པ་ཡིན། ད་ལྟ་མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་མ་རྐང་ཚོགས་གཙོ་དང་སྤྱིའི་ཅིན་ལས། མཚོ་སྔོན་ཞེང་ཆེན་བོད་སྨན་ཁང་གི་ཡོན་ཀྲང༌། མཚོ་སྔོན་ཞེང་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང༌། མཚོ་སྔོན་ཞེང་ཆེན་གསོ་རིག་སློབ་གླིང་གི་ཡོན་ཀྲང་འགན་ཀྱང་བཞེས་མྱོང་བཅས་ཀྱིས་འགན་གཅིང་ལྕོག་ཀྱིས་བཞེས་ཡོད། ཁོ་བོས་བོད་སྨན་བྱ་བཞག་ཐད་རང་ཉིད་ཀྱི་ཡོད་ཚད་ཕུལ་བས་དུས་ཡུན་ཐུང་ངུའི་ནང་དུ་ཨ་རུ་ར་སྡེ་ཚོགས་འཕེལ་རྒྱས་སུ་ཕྱིན་ཏེ་རྒྱལ་ཡོངས་སུ་སྨན་བཅོས་དང་སློབ་གསོ།ཞིབ་འཇུག སྨན་བཟོ་བཅས་སྣ་བཞི་གཅིག་འདུས་ཀྱི་བོད་སྨན་སྡེ་ཚོགས་གཅིག་པུ་རུ་གྱུར་ཡོད། གསོ་བཅོས་ཀྱི་ཕྱོགས་ལབོས་སྨན་སྔོན་དང་ཕྱི་སྨན་རྗེས། བོད་སྨན་བཀོལ་སར་ཕྱི་སྨན་མི་སྤྱོད། བོད་ཕྱི་ཟུང་འབྲེལ་བྱེདཔའི་ བཅོས་ཐབས་རྒྱུན་འཁྱོངས་བྱེད། ཚན་རྩལ་གྱི་ཕྱོགས་སུ་རིན་ཐང་ཅན་གྱི་བོད་སྨན་གནའ་དཔེ་དང་ཉམས་མྱོང་ཕྱོགས་བསྡོམས་སྐོར་གྱི་ཆེད་རྩོམ་གང་མང་ཞིག་ལ་རྩ་འཛུགས་དང༌། ལེགས་སྒྲིག དཔར་སྐྲུན་བྱས་ཡོད།