པད་མ་དབང་གྲགས། འབུམ་རམས་པ།
དུས་ཚོད། 2010-4-22 17:08:18 ཀློག་གྲངས་ཐེངས།764
   
      མཚོ་ལྷོ་ཁུལ་གོང་ཧོ་རྫོང་ཏུ་སྐྱེས།  ༢༠༠༠ལོར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཆེད་དུ་གདན་འདྲེན་བྱས་ཏེ་དཔྱད་བཅོས་ཆེད་མཁས་སྨན་པའི་མཚན་གསོལ་བ་དང༌།  ཁོང་ཉིད་ལ་ཕྱི་བཅོས་དང་བྱིས་ནད།   མཚོན་རྨ།  མོ་ནད་སོགས་ལ་ཐུན་མོང་མ་ཡིན་པའི་གསོ་ཐབས་དང་ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད།  འཁྲུལ་གཞི་སེལ་དཀའ་བའི་ནད་རིགས་སོགས་ཁོང་གི་ཕྱག་ལེན་མཛད་རྗེས་མེ་དབལ་ཆུ་ཡིས་བསད་པ་བཞིན་ནོ།  ལྷག་པར་དུ་གཏར་ག་དང་རྭ་འཇིབས།མེ་བཙའ་སོགས་ཀྱི་ལག་ལེན་གཞན་མེད་རང་ངོས་ནས་ཁྱད་ཆོས་ལྡན།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཁོང་ཉིད་ཀྱིས་བཅིངས་ལུམས།  རླུངས་ལུམས།  སྐམ་ཁབ།  གློག་ཁབ།  བསིལ་དྲོད་སྙོམས་ཁབ།  བསྐུ་མཉེ། མེ་བུམ། རྭ་འཇིབ། གསེར་ཁབ་དང་གསོ་བཅོས་རམ་འདེགས་འཕྲུལ་ཆས་བོད་ཕྱི་ཀྲུང་གསུམ་མཉམ་འབྲེལ་གྱི་གསོ་བཅོས་མཛད་པས།རྩ་ཏྲེམ། རུས་ཏྲེམ་སོགས་གྲུམ་པའི་ནད་རིགས། གཞུང་རེངས། གཞོགས་གཅིག་གུག་པ། འགྲམས་པ་ཉམས་པ། རྐེད་ཚིགས་བརྡབས་སྐྱོན།རུས་འཛེར། རྩ་དཀར་ནད། མཇིང་ཚིགས་ནད། མུར་དུ་མོ་ནད་དང་རླུང་ཚབས། ཁོང་ནད་དང་རྨ་སྤྱིའི་ནད་དང༌། མཁལ་ཚད།མཁལ་གྲངས་སོགས་མཁལ་མའི་ནད། རྒྱུ་ལྷག་སོགས་དོན་སྣོད་ཀྱི་ནད་ལ་ཡང་བཅོས་ཐབས་ཁྱད་པར་ཡོད།


རིགས་མཐུན་ནང་དོན།
  • བློ་འབའ། འབུམ་རམས་པ།
  • ཀླུ་བྱམས་རྒྱལ། འབུམ་རམས་པ།
  • དབང་ཆེན་ཚེ་བརྟན། འབུམ་རམས་སྨན་པ།
  • རྡོ་རྗེ། འབུམ་རམས་པ།
  • སྐལ་བཟང་འབུམ། རབས་འབྱམས་པ།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019