
ཞིབ་འཇུག་སློབ་མའི་ཐོབ་ཐང༌། འབུམ་རམས་སྨན་པ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་སྨན་རྫས་བརྟག་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་སོགས་ཀྱི་འགན་གཅིག་ལྕོགས་ཏུ་བཞེས་ཡོད། མཚོ་སྔོན་སློབ་གྲྭ་ཆེན་མོ་བོད་ལུགས་གསོ་རིག་སློབ་གླིང་ནས་མཐར་ཕྱིན་ཏེ་གསོ་བཅོས་དང་ཞིབ་འཇུག འཆད་ཁྲིད་བཅོས་ཀྱི་བྱ་བ་གཉེར་ནས་ལོ་ངོ་༢༠ལྷག་འགོར། ནད་ཐོག་ལག་ལེན་ཁྲོད་མཆིན་པ་སྲ་འགྱུར་དང་མཆིན་པའི་ཚིལ་སྐྲན། མཆིན་ནད་ལྡེམ་བུ་དང་དུག་ཐབས། མཆིན་འབྲས། མཁྲིས་བའི་གཉན་ཚད་དང་མཁྲིས་སྐྲན་སོགས་ཀྱི་བཅོས་ཐབས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། སྔ་གཞུག་ཏུ་འབྲེལ་ཡོད་ཀྱི་དཔྱད་རྩོམ་མང་པོ་སྤེལ་དང་སྤེལ་བཞིན་ཡོད་ལ་རྟགས་མ་རབ་དང་རིམ་པ་ཐོབ་ཡོད།
སྒོ་བསྟེན་གསལ་བའི་དུས་ཚོད:གཟའ་ཟླ་བ་ནས་གཟའ་སྤེན་པ།