༄༅།། གྲེ་བར་གྲ་མ་སོགས་ཟུག་པ།
དུས་ཚོད། 2009-6-24 10:51:44 ཀློག་གྲངས་ཐེངས།795
     གྲེ་བར་གྲ་མ་ཟུག་ན་སྦྲུལ་གྱི་ཚིལ་བུ་བྱུགས་པའམ་ཡང་ན་ནས་ཀྱི་ཕུབ་མའི་ཐང་བསྐོལ་བཏང་བས་ཕན། གྲེ་བར་རུས་པ་ཟུག་ན་ཤ་དམར་ལྷེབ་ཙམ་ཞིག་སྐུད་པར་བསྐྲོགས་ནས་ཁར་མྱགས་རྗེས་སྐུད་སྣེ་བཟུང་སྟེ་ཁོང་དུ་མིད་ནས་ཡར་འཐེན་ན་དོན་གྱི་ཡོད། གྲེ་བར་ཉ་རུས་ཟུག་ན་སོ་བྱའི་ཤ་ཁུ་འཐུང་བ་དང༌། སྲམ་གྱི་སྣ་དང་མཆེ་བ་གཉིས་ཆུར་བསྐོལ་བའི་ཁུ་བ་འཐུང་རྒྱུ། ཡང་ན་གནའ་བའི་རྭ་སྙིང་དུམ་བུ་གཅིག་ཁར་མུར་དགོས། སྟབས་བདེ་ཤོས་ལ་ཀ་ར་ཁའི་ནང་དུ་མུར་བ་དང༌། ཆུ་གྲང་མོ་བཏུངས་པས་ཕན།


རིགས་མཐུན་ནང་དོན།
  • ༄༅།། འོ་མ་ཕན་ནུས།
  • ༄༅།།སེན་མོའི་ནུས་པ།
  • ༄༅།། སྒྲོ་ཡི་ཕན་ནུས།
  • ༄༅།། པགས་པའི་ཕན་ནུས།
  • ༄༅།། ཁྲག་གི་ཕན་ཡོན།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019