༄༅།། བཅུད་ལེན་དང་རྒས་པ་གསོ་བ།
དུས་ཚོད། 2009-6-24 10:43:00 ཀློག་གྲངས་ཐེངས།714
   ཚེ་སྲིང་ཞིང་རྒས་པ་གསོ་བ་སོགས་ལ་སྤྱིར་བཤད་རྒྱུད་ནས་གསུངས་པའི་རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་པ་རྣམས་ཚུལ་བཞིན་བསྟེན་པ་གལ་ཆེ།མན་ངག་རྒྱུད་ལས་གསུངས་པའི་རྩི་བཞི་དྭངས་མ་ལྔའི་བཅུད་ལེན། འབའ་སམ་སྨན་མར་དཀྱུས་མཐུན་ནམ། ཁྱད་པར་ཕན་བདེ་འབུམ་ཕྲག་སོགས་ལས་བཤད་པ་ཅོང་ཞི་བྲག་ཞུན་གཙོ་བོར་བྱས་པའི་སྨན་མར་སོགས་ཟབ། སྐྱེར་ཁཎ་ཚད་ལྡན་ཞག་བདུན་རེ་བཞིན་མིག་ལ་བྱུགས་པས་མིག་གི་བཅུད་ལེན་དང༌། ནང་རེ་བཞིན་ཆུ་གྲང་མོས་ཁ་དང་སོ་རྩ་དག་པར་བཀྲུ་བ་ཁོ་ནའམ།དེ་སྟེང་མཛེས་བྱེད་སོ་རྩི་བསྐུས་ན་སོ་བརྟན་པའི་བཅུད་ལེན་དུ་འགྱུར་བ་དང༌། དབྱངས་ཅན་རིལ་བུ་རྒྱུན་དུའམ་སྐབས་སུ་བརྟེན་ན་བློ་གྲོས་འཕེལ་བའི་བཅུད་ལེན་དུ་འགྱུར་བ་དང༌། རིན་པོ་ཆེ་ཁྱད་འཕགས་རྣམས་དང་དེའི་སྦྱོར་བ་སྤྱི་དང༌། ཁྱད་པར་རིན་ཆེན་རིལ་ནག་ཆེན་མོ་མགུལ་དུ་འཆང་བ་དང་ཁོང་དུ་བསྟེན་པ་རྣམས་ཀྱིས་ནད་གདོན་སྲུང་ཞིང་ཞི་བའི་མཆོག་ཏུ་འགྱུར་ཞིང༌། དངུལ་ཆུ་གྲང་འདུལ་ལ་ཁ་སྒྱུར་གྱི་སྦྱོར་བའི་རིགས་རྣམས་ཚུལ་བཞིན་བྱུང་ན་ཤིན་ཏུ་མཆོག་གོ །


རིགས་མཐུན་ནང་དོན།
  • ༄༅།། རོ་ཙ་གསོ་བའི་སྐོར།
  • ༄༅།། དུག་ནད་གསོ་བའི་སྐོར།
  • ༄༅།། མཚོན་རྨ་གསོ་བའི་སྐོར།
  • ༄༅།། གཟའ་ནད་དང་མཛེ་ནད་གསོ་བའི་སྐོར།
  • ༄༅།། མོ་ནད་གསོ་བའི་སྐོར།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019