༄༅།། གཟའ་ནད་དང་མཛེ་ནད་གསོ་བའི་སྐོར།
དུས་ཚོད། 2009-6-24 10:33:07 ཀློག་གྲངས་ཐེངས།844
     གདོན་སྤྱིའི་རྟགས་རྩ་སྔ་དྲོ་ཕྱི་དྲོ་དང་ཉིན་སྔ་ཕྱིར་འདྲ་མིན་དུ་འགྱུར།སྡོད་ངེས་མེད་དྲག་དལ་བྱེད། ཆུ་ལ་འོད་དང་ཐིག་ལེ་ཤར་བའམ། ལྦུ་བ་མི་བརྟན་ཞིང་བསྐོར་བ་བྱེད། ལྦུ་བའི་མཐར་འབུ་རིས་ལྟ་བུས་བསྐོར་བའམ། ཆུང་ངུ་ཉ་མིག་ལྟར་སྡོད་པ་རྣམས་དང༌། ལྡོག་ཏུ་མི་འདོད་པ་རྣམས་ནད་གཞི་དེ་ལ་གདོན་ཁ་ཆེ་བའི་རྟགས་ཡིན། གདོན་གང་གནོད་ལིང་ཚེ་དགུ་དང་ཕྱོགས་མཚམས་ལས་བརྟག་ཚུལ་ཕྱི་རྒྱུད་ལྟར་བྱ།ལོག་རྗེས་ཀྱི་གཟུགས་ལས་གདོན་གྱི་ངོས་བཟུང་དགོས་ཀྱང་མ་ལྡོག་པའམ། ལྡོག་ཀྱང་གཟུགས་མ་འགྱེད་ན་ནས་དཀར་པོ་བརྒྱད་ནག་པོ་གཅིག་དང་དགུ་ཐོགས། དམོད་བརྡར་དྲག་ཏུ་བྱས་ལ་ཤར་ནས་གཡས་བསྐོར་དུ་དོར་བས་ནག་པོ་བབས་པ་དེར་གདོན་ངོས་བཟུང་བའི་སྐོར་ཕྱ་ལ་རྟགས་ཚུལ་རྒྱས་པ་གཞན་ནས་འབྱུང་བ་ལྟར་རམ། བསྡུ་ན་ཕྱི་རྒྱུད་ལྟར་ངོས་བཟུང་ལ་དེ་མཐུན་གྱི་བཅོས་རིམ་འབོག
    འབྱུང་གདོན་སྤྱི་ལ་ཉང་གཏེར་སྲུང་བ་རྒྱན་འཁོར། བྱུག་པ་རྒྱན་འཁོར།བདུག་པ་རྒྱན་འཁོར་རྣམས་ཟབ་ཅིང༌། གདོན་བྱེ་བྲག་པ་རྣམས་ལའང་སྲུང་བཅོས་གཏེར་མ་ལས་བྱོན་པ་རྣམས་ལག་ལེན་བདེ་ཞིང་ཟབ་པ་ངེས་པ་ཡིན། གཟའ་བཅོས་བྱ་ཁྱུང་པའི་བཀའ་གཏེར་ཟབ་དགུའི་མན་ངག་ཕྱོགས་དྲིལ་གྱི་བེ་བུམ་ཁོ་ན་ལེགས། སྨན་ཁྲ་སྦྱོར་ཉེར་ལྔ། རྫས་ཆེན་བཅོ་བརྒྱད་པ་སོགས་ཟབ། གྲིབ་ཕོག་དུས་ཐོག་མར་སྤོས་དཀར་གྱི་ཐང་བཏང་ན་བཅོས་སླ། སྲིན་བྱའི་ཀླད་པ།ཡུག་སའི་མངལ་ཁྲག དཔའ་བོའི་གྲི་ཁྲག་གསུམ་བུ་རམ་དང་བསྲེས་ནས་བྱིན་པས་ཐེང་ཆོག་ཏུ་བཤད།
     ཀླུ་གདོན་གྱི་བྱེ་བྲག་མཛེ་བཅོས་ཀྱང་ནཱ་ག་རཀྵ་སོགས་ལས་འབྱུང་བ་ཟབ་ཅིང༌། གཟའ་ཀླུ་སྤྱི་ལ་སྨན་ཕྱག་རྡོར་རིལ་བུ་བསྡུ་སྒྲུབ་ཚད་ལྡན་བྱས་པ་དང༌། མཛེ་སོགས་ལ་ཁྱུང་ལྔ་ཁ་ཚར་ཅན། རིན་པོ་ཆེའི་སྦྱོར་བ་རྣམས་བསྔགས་སོ།།


རིགས་མཐུན་ནང་དོན།
  • ༄༅།། མོ་ནད་གསོ་བའི་སྐོར།
  • ༄༅།། བྱིས་པའི་ནད་གསོ་བའི་སྐོར།
  • ༄༅།། ལྷན་སྐྱེས་རྨ་གསོ་བའི་སྐོར།
  • ༄༅།། ཐོར་བུའི་ནད་གསོ་བའི་སྐོར།
  • ༄༅།། སྣོད་ཀྱི་ནད་གསོ་བའི་སྐོར།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019