༄༅།། ཀླད་སྙིང་ཚན་ཁག
དུས་ཚོད། 2009-6-16 11:17:42 ཀློག་གྲངས་ཐེངས།845
    ཀླད་པའི་ནད་དང༌། སྙིང་ནད། ཁྲག་རྩའི་ནད་ནི་དེང་སྐབས་སྤྱི་ཚོགས་ཀྱི་རྒྱུན་མཐོང་ནད་རིགས་ཅིག་ཡིན་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ཀླདཔ།སྙིང༌། ཁྲག་རྩའི་ནད་རིགས་ཀྱང་རིམ་བཞིན་ཇེ་མཐོ་དང༌། ཇེ་མང་ལ་འགྲོ་བཞིན་ཡོད་པ་འདི་ལ་ཕྱི་ལུགས་གསོ་རིག་གི་བཅོས་ཐབས་ཀྱི་མངོན་གསལ་རང་བཞིན་དང༌། གྲུབ་འབྲས་ཆེན་པོ་མེད་སྟབས་བོད་ལུགས་སྲོལ་རྒྱུན་གསོ་རིག་གི་བཅོས་ཐབས་ལས་འདིའི་ཕྱོགས་ལ་གྲུབ་འབྲས་ཆེན་པོ་དང༌། དགེ་མཚན་ཆེན་པོ་ཐོན་ཡོད་པས་རང་བཞིན་གཞན་གྱིས་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་གནད་འགག་དེར་དམིགས་ནས་མི་རིགས་གསོ་རིག་ཐུན་མོང་ཁྱད་ཆོས་དང་དགེ་མཚན་མངོན་ཆེད། ༡༩༩༦ལོར་ཀླད་སྙིང་ཚན་ཁག་དངོས་སུ་བཙུགས་ནས་བོད་སྨན་ཆེད་སྦྱོར་དང༌། གསང་བའི་བཅོས་ཐབས་ཕུན་སུམ་ཚོགས་པའི་སྒོ་ནས་སྔོག་འདོན་དང་འཚོལ་ཞིབ་ཉམས་མྱོང་གསོག་འཇོག་བྱས་ཡོད།ཀླད་སྙིང་ཚན་ཁག་ནི་བོད་ཀྱི་སྨན་སྦྱོར་རིག་པའི་དེང་རབས་ཀྱི་བཅོས་དཀའ་བའི་ནད་ལ་འགྲན་སློང་བྱས་པའི་འགོ་བརྩམས་པ་ཡིན། བོད་སྨན་སྦྱོར་ཁུངས་དང༌། སྦྱོར་སྡེ། ཕན་ནུས་སོགས་ཀྱི་གནད་གལ་ཆེན་བཟུང་ཡོད་སྟབས་ཚན་ཁག་གི་ཁྱད་ཆོས་མངོན་གསལ་དོད་པོ་དང༌། སྨན་བཅོས་ཀྱི་ཕན་ནུས་འབུར་དུ་ཐོན་པ། དེང་རབས་ཚན་རིག་རང་བཞིན་དང་ཤིན་ཏུ་མཐུན་པའི་དབང་གི་༢༠༠༠ལོའི་ཟླ་༡༢པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཁང་གིས་མཚོ་སྔོན་ཞིང་ཆེན་རིམ་པའི་ཚན་ཁག་གཙོ་གྲས་སུ་བསྡམས། ཉེ་བའི་ལོ་འགའི་རིང་ལ་ནད་ཐོག་ལག་ལེན་ཁྲོད་དུ་ཀླད་པ་དང་སྙིང༌། ཁྲག་རྩའི་ནད། རྩ་དཀར་ནད་སོགས་ཀྱི་ནད་དམིགས་ངོས་འཛིན་དང་མེ་བཙའ་གདབ་ཐབས།གཏར་ཁའི་ལག་ལེན༌། དུགས་ལུམས་བྱུག་གསུམ་སོགས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ལག་ལེན་མི་ཉུང་བ་ཞིག་བེད་སྤྱད་གནང་བས་གྲུབ་འབྲས་གཟེངས་སུ་ཐོན་ཡོད།


རིགས་མཐུན་ནང་དོན།
  • ༄༅།། མཆིན་མཁྲིས་ཚན་ཁག
  • ༄༅།། མོ་ནད་ཚན་ཁག
  • ༄༅།། དཔྱད་བཅོས་ཚན་ཁག
  • ༄༅།།འཇུ་བྱེད་ཚན་ཁག
  • ༄༅།།གྲུམ་ནད་ཚན་ཁག

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019