༄༅།། མོ་ནད་ཚན་ཁག
དུས་ཚོད། 2009-6-16 11:14:18 ཀློག་གྲངས་ཐེངས།917
    མོ་ནད་ཚན་ཁག་ནི་༢༠༠ལའོ་་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིནགྱིས་གཏན་འཁེལ་བྱས་པའི་ཞིང་ཆེན་རིམ་པའི་ཚབྲོན་ཁག་གཙོ་བོ་ཞིག་ཡིནལ།  ཚན་ཁག་འདིས་བོད་ལུགས་གསོ་རིག་གི་གཞུང་ལུགས་རྨང་གཞིའི་སྟེང་བརྟག་ཐབས་དང་བཅོས་ཐབས་དང༌། སྨན་སྦྱོར་ལ་སོགས་ཚུད་པའི་མ་ལག་ཆ་ཚང་ཞིག་གྲུབ་ཡོད་པས་མོ་ནད་ཀྱི་རིགས་སུ་གྱུར་བའི་ནད་ཀུནལ་ཐུན་མོང་མ་ཡིན་པའི་སྨན་བཅོས་ཐབས་བྱེད་ཐབས་དང༌།  སྨན་སྦྱོར་གཏོང་ཐབས་ཀྱི་ཐབས་ལམ་གསར་བའི་གཞི་རྩའི་སྟེང་ཕྱི་ལུགས་ཀྱི་ཕྲ་ཕུང་བརྟག་ཆས་དང༌།  གློག་རླབས་བརྟག་ཆས།  རྫས་འགྱུར་བརྟག་ཆས་སོགས་དེང་རབས་དཔྱད་ཆས་ལ་བརྟེན་ནས་ནད་གཞི་གསལ་བོར་ངོས་འཛིན་པར་རམ་འདེགས་བྱས་ཏེ་དམིགས་བསལ་གྱི་ནད་ཐོག་ལ་སྨན་བཀོལ་ནས་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད།  ཚན་ཁག་འདིར་རྒྱལ་སྤྱིའི་མིང་གྲུ་ཚུགས་ས་ཅན་གྱི་སྨན་རམས་པ་རྒྱ་ཡེ་བློ་བཟང་ཉི་མ་དང་དཔལ་ཕྱུག་རྒྱལ་སོགས་སྨན་པ་ཆེན་མོ་དང༌།  རབ་འབྱམ་སྨན་པ་འཚོ་སྐྱིད་སོགས་ཆེད་ལས་ཐད་ཀྱི་མཐོ་རིམ་ཤེས་ལྡན་པ་འབོར་ཆེན་ཞིག་ཡོད་པས་རྒྱ་ཆེ་བའི་ནད་པ་མང་ཚོགས་ཀྱིས་རྗེས་སུ་ཡི་རངས་དང་གདེངས་འཇོག་ཡག་པོ་བྱེད་བཞིན་ཡོད།   ཚན་ཁག་འདིའི་གསོ་བཅོས་གཙོ་བོར་གྱུར་བའི་མོ་ནད་ཁྲག་ཚབས་བཅུ་དང་རླུང་ཚབས་དྲུགསྐྲན་ནད་དགུ་དང་མངལ་སྲིན།  མངལ་ཚད།  མངལ་འཁྲི་བའི་ནད་བཅས་ལ་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་སྐུ་མཉེ་དང༌།  དུགས་ལུམས།མངལ་སྦྱོང་བཅས་ཀྱི་གསོ་ཐབས་ལ་བརྟེན་བཅོས་དཀའ་བའི་མོ་ནད་ཁག་ཅིག་གསོ་བཅོས་དང་ཞིབ་འཇུག་བྱེད་པའི་རྟེན་གཞི་རུ་གྱུར་ཡོད།


རིགས་མཐུན་ནང་དོན།
  • ༄༅།། དཔྱད་བཅོས་ཚན་ཁག
  • ༄༅།།འཇུ་བྱེད་ཚན་ཁག
  • ༄༅།།གྲུམ་ནད་ཚན་ཁག
  • ༄༅།།ཁོང་ནད་ཚན་ཁག
  • ༄༅།།སྒོ་བསྟེན་ཁང༌།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019