གཅིག དང་ཐོག་ནད་གཡོག་པའི་ཁྱེད་ལ་ཞག་སྡོད་སྐབས་ཀྱི་གཙོ་གཉེར་ཆེད་མཁས་དང་། སྨན་པ། ནད་གཡོག་པ ། ནད་གཡོག་འགོ་བ་གང་ཡིན་སོགས་མཚམས་སྤྱོར་བྱེད།
གཉིས། རང་དང་གཞན་པའི་བདེ་ཐང་གི་ཆེད་དུ་དུ་བ་མི་འཐེན་པ། ཁ་ལུད་གང་སར་མི་འཕེན་པ། འུར་མི་བརྒྱག་པ། སྒེའུ་ཁུང་ཕྱི་རོལ་ཏུ་ཆུ་སོགས་མི་གཙང་བའི་རིགས་མི་འཕེན་པ། སྤྱོད་ཁང་གི་གཙང་སྤྲར་ཉམས་འཇོག་རྒྱུ།
གསུམ། འགོས་ནད་ཀྱི་རིགས་འགོག་པའི་ཆེད་དུ་རང་ཉིད་ཀྱི་ཁྲུས་བྱེད་དང་ཟས་བསྐོལ་ཅ་ལག་སོ་སོར་སྤྱོད་རྒྱུ།
བཞི། ཉིན་རེའི་སྔ་དྲོར་བརྟག་དཔྱད་བྱེད་དགོས་པའི་དུས་ཚོད་ཡིན་པས་ནད་ཁང་དང་ཁ་འབྲལ་མི་རུང་།
ལྔ། ཞག་སྡོད་ནད་པ་གང་འདོད་དུ་ཕྱིར་རོལ་ལ་འགྲོ་བ། ལྷག་པར་ཏུ་མཚན་མོར་ནད་ཁང་ལས་གཞན་སར་བསྡད་མི་ཆོག སྨན་ཁང་གི་སྒྲིག་ལམ་འདི་དག་དང་འགལ་ནས་གཞན་པའི་རྩེད་ཁང་འགྲིམས་པ་དང་། ཆང་འཐུང་བ་སོགས་ཀྱི་ལས་ལ་ཞུགས་ན་མཇུག་འབྲས་མཐའ་དག་རང་ཉིད་ཀྱིས་འགན་ཁུར་དགོས།
དྲུག ཞག་སྡོད་ཀྱི་སྐབས་སུ་ནད་པས་ནད་ཁུལ་གྱི་བདག་གཉེར་གཏེན་འཁེལ་ལ་བརྩི་སྲུང་བྱེད་དགོས།
བདུན། ཆུ་དང་གློག་ལ་སྤྱོད་མཁས་བྱེད་དགོས། གློག་གི་འཕྲུལ་ཆས་སྣ་ཚོགས་རང་འགར་མ་སྤྱད་མི་ཆོག གང་འདོད་དུ་དབྱང་དབུགས་དང་། འབྱིན་རྔུབ་ཆས་སོགས་བརྗེ་སྤོར་བྱས་མི་ཆོག གལ་ཏེ་སྐྱོན་ཤོར་ན་སྐྱིན་ཚབ་སྤྲོད་དགོས།
བརྒྱད། ཞག་སྡོད་ནད་པས་མི་སྒེར་གྱི་དངོས་པོར་བདག་སྐྱོང་ལེགས་པོ་བྱེད་དགོས། ནད་ཁང་གི་སྒོ་དུས་རྒྱུན་མི་བརྒྱག་པས་དངོས་པོ་རྩ་ཆེན་ཡོད་ན་ཚན་ཁག་དང་འབྲེལ་བ་བྱས་ནས་གསོག་གཉེར་བྱེད་དགོས།
དགུ། སྨན་ཁང་དང་ཁ་འབྲལ་དུས་ནད་གཡོག་པའི་བསླབ་བྱ་ལ་ཉན་དགོས་པ་མ་ཟད་། ཉམས་འཇོག་དགོས་པའི་བྱ་བ་རེ་བ་ལྟར་བསྒྲུབ་དགོས།