ནད་ཁྲིའི་བཀོད་སྒྲིག་གི་སྐོར་ལ་ངེད་སྨན་ཁང་གི་ཐག་གཅོད་འདི་ལྟར། ཚན་ཁག་ནང་དུ་ནད་ཁྲི་སྟོང་བ་ཡོད་ན། ནད་པའི་དགོས་མཁོ་ལྟར་ནད་ཁྲི་ལ་གདམ་གསེས་བྱས་ཆོག ནད་པ་མང་བའི་དུས་སུ་ནད་ཁྲི་མི་འདང་བས་ནད་གཡོག་གིས་བཀོད་སྒྲིག་ལྟར་བྱེད་དགོས། ནད་ཁང་ནང་དུ་ནད་པ་རེ་རེར་ཅ་ལག་བཞག་ཆོག་པའི་སྒམ་རེ་ཡོད། ཟ་བརྒྱབ་ཆོག་ལ། ལྡེ་མིག་ལ་བདག་གཉེར་ལེགས་པོ་བྱེད་དགོས། ནད་ཁྲི་འགྲམ་གྱི་ཅོག་ཙེ་བཀོལ་སྤྱོད་བྱས་སྐབས། བོད་སྨན་གྱི་རིགས་འཐེན་སྒམ་གྱི་ནང་དུ་འཇོག་རྒྱུ་དང་། འོག་སྒམ་དུ་ཟས་རིགས་འཇོག་དགོས། ནད་ཁུལ་རེར་ཁྲུས་ཁང་རེ་ཡོད་ལ། ནད་པའི་བཀོལ་སྤྱོད་བྱེད་སྐབས་ཆུའི་གྲང་ཚད་ལ་ཉམས་འཇོག་དགོས། གལ་ཏེ་བཀོལ་སྤྱོད་བྱེད་མི་ཤེས་ན་ནད་གཡོག་པར་ཞིབ་འདྲི་བྱས་རྗེས་བཀོལ་དགོས།