༄༅།། གཡུང་དྲུང་བོན་གྱི་གསོ་རིག་བསྟན་པ་ཇི་ལྟར་དར་བའི་སྐོར།
དུས་ཚོད། 2009-6-10 10:54:15 ཀློག་གྲངས་ཐེངས།770
      ཉེ་རབས་ས་འོག་ནས་ཐོན་པའི་རྡོ་འགྱུར་གནའ་རྫས་དང་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཚད་ལྡན་ཁག་ལ་གཞིགས་ན་རྡོ་ཆས་རྙིང་མའི་དུས་མཇུག་ཏུ་གངས་ཅན་ཡུལ་དུ་འགྲོ་བ་མིའི་རིགས་གནས་ཡོད་པ་དཔང་རྟགས་གསལ་བྱེད་ཐུབ་གནའ་བོའི་མི་གསར་རྣམས་ཀྱིས་རང་འབྱུང་ཁམས་དང་ཡུན་རིང་འཐབ་རྩོད་བྱེད་པའི་ནང་རྩྭ་རིགས་ཁ་ཤས་ཀྱིས་བཤལ་ནད་དང་དུག་ནད་མི་བཞུ་བའི་ནད་བཅོས་པའི་རིག་པ་རྙེད་དེ་བཞིན་རི་དྭགས་བརྔོན་པའི་སྐབས་སུ་རི་དྭགས་ལས་བྱུང་བའི་རྫས་འགའ་ཞིག་གིས་ནད་བཅོས་ཐུབ་པའི་ནུས་པ་ལྡན་པ་རིམ་བཞིན་ངོས་འཛིན་ཐུབ་འོན་ཀྱང་སྐབས་དེར་སྤྱི་ཚིགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པ་དང་གནའ་མི་རྣམས་ཀྱི་རིག་ཤེས་ཀྱང་ཤིན་ཏུ་དམན་པས་ནད་བཅོས་པའི་སྨན་རིགས་བཟོ་ཐབས་བྲལ་དུས་དེར་ནང་ལ་ནད་པ་བསྡད་ཚེ་ཁྱིམ་ལྷ་མ་མཉེམ་ཞེས་ཟེར་ཕྲུ་གུ་ན་ན་ཕ་མས་ཕྱིར་འདོན་ཕ་མ་ན་ན་ཕྲུ་གུས་ཕྱིར་འདོན་ཞེས་པའི་ལམ་སྲོལ་ངན་པ་ཞེས་ཡུན་རིང་གནས་དེ་བཞིན་རྨ་གསར་ལ་མར་ཁུ་བཞུས་ནས་བཏང་བས་རྩ་ཁ་བསྡམས་པ་དང་ལྕེ་རྩེས་ཡ་རྐན་ཕུན་ཏེ་སོ་ནད་བཅོས་པ་ཁྲག་མཁྲིས་ཚ་གླང་ཆུ་རྡོ་གྲང་མོས་བདུག་སྣ་ཁྲག་སྐར་ཆུ་འདག་པ་ནག་པོས་བདུག་ཆང་གི་སྦང་མས་རྨ་ལ་འཇིབ་བྱེད་པ་སོགས་གདོད་མའི་དམངས་ཁྲོད་ཀྱི་དཔྱད་ཐབས་སྟབས་བདེ་དེ་དག་ལ་བརྟེན་ནས་ནད་ཞི་བར་བྱེད་པ་བཅས་སོ།གཡུང་དྲུང་བོན་གྱི་དཔེ་རྙིང་<<དབུ་ནག་མིའུ་འདྲ་ཆགས་>>ལས་རྗེ་གཉའ་ཁྲི་བཙན་པོའི་ཞལ་ནས།ས་མ་གི་ན་རྐྱེན་སྣ་ཚོགས་ཡོད། རྐུ་ཡོད། དུག་ཡོད། སྡང་ཡོད། དགྲ་ཡོད། གདོན་ཡོད།རྫུན་ཡོད། ཅན་ཡོད། བྱད་ལྡེབས་ཡོད། གཡོ་ཡོད། ང་མི་འགྲོ་གསུངས་མ་གནང་ངོ་།ཡང་བསྐྱར་རེ་ཞུས་པ། རྐུ་ལ་ལན་མཆིས། སྡང་ལ་བྱམས་མཆིས། དུག་ལ་སྨན་མཆིས།དགྲ་ལ་ཟིན་མཆིས ཞེས་གསུངས།དུས་དེར་སྨན་ཞེས་པའི་ཐ་སྙད་དེ་ཐོག་མར་བྱུང་བ་ཙམ་མ་ཟད་གདོང་མའི་དུས་ཀྱི་སྨན་དཔྱད་རིག་པ་ཐོག་མ་རྙེད་པ་ལུང་རིག་གཉིས་ཀས་དཔྱད་ཐུབ།

     གཤེན་རབ་མི་བོ་ཆེའི་སྐུ་དུས་སུ་གཡུང་དྲུང་བོན་གྱི་གསོ་རིག་གཞུང་ལུགས་དར་བ་དང་ཁྱད་པར་དུ་གཏར་བསྲེག་བྱུགས་གསུམ་གྱི་སྨན་དཔྱད་རིམ་བཞིན་གོང་འཕེལ་ཏེ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བའི་བོད་ཀྱི་གསོ་རིག་གི་ནང་དོན་གལ་ཆེ་ཞིག་ཏུ་གྱུར་མདོར་ན་གཡུང་དྲུང་བོན་གྱི་ཚེ་རིག་གམ་གསོ་རིག་ནི་གཞུང་ལུགས་དང་སྨན་རྫས་རིག་པ་བརྟག་ཐབས་རིག་པ་གསོ་ཐབས་རིག་པ་སོགས་གལ་ཆེ་ཞིག་ཡིན།།

    ཉེ་རབས་ས་འོག་ནས་ཐོན་པའི་རྡོ་འགྱུར་གནའ་རྫས་དང་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཚད་ལྡན་ཁག་ལ་གཞིགས་ན་རྡོ་ཆས་རྙིང་མའི་དུས་མཇུག་ཏུ་གངས་ཅན་ཡུལ་དུ་འགྲོ་བ་མིའི་རིགས་གནས་ཡོད་པ་དཔང་རྟགས་གསལ་བྱེད་ཐུབ་གནའ་བོའི་མི་གསར་རྣམས་ཀྱིས་རང་འབྱུང་ཁམས་དང་ཡུན་རིང་འཐབ་རྩོད་བྱེད་པའི་ནང་རྩྭ་རིགས་ཁ་ཤས་ཀྱིས་བཤལ་ནད་དང་དུག་ནད་མི་བཞུ་བའི་ནད་བཅོས་པའི་རིག་པ་རྙེད་དེ་བཞིན་རི་དྭགས་བརྔོན་པའི་སྐབས་སུ་རི་དྭགས་ལས་བྱུང་བའི་རྫས་འགའ་ཞིག་གིས་ནད་བཅོས་ཐུབ་པའི་ནུས་པ་ལྡན་པ་རིམ་བཞིན་ངོས་འཛིན་ཐུབ་འོན་ཀྱང་སྐབས་དེར་སྤྱི་ཚིགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པ་དང་གནའ་མི་རྣམས་ཀྱི་རིག་ཤེས་ཀྱང་ཤིན་ཏུ་དམན་པས་ནད་བཅོས་པའི་སྨན་རིགས་བཟོ་ཐབས་བྲལ་དུས་དེར་ནང་ལ་ནད་པ་བསྡད་ཚེ་ཁྱིམ་ལྷ་མ་མཉེམ་ཞེས་ཟེར་ཕྲུ་གུ་ན་ན་ཕ་མས་ཕྱིར་འདོན་ཕ་མ་ན་ན་ཕྲུ་གུས་ཕྱིར་འདོན་ཞེས་པའི་ལམ་སྲོལ་ངན་པ་ཞེས་ཡུན་རིང་གནས་དེ་བཞིན་རྨ་གསར་ལ་མར་ཁུ་བཞུས་ནས་བཏང་བས་རྩ་ཁ་བསྡམས་པ་དང་ལྕེ་རྩེས་ཡ་རྐན་ཕུན་ཏེ་སོ་ནད་བཅོས་པ་ཁྲག་མཁྲིས་ཚ་གླང་ཆུ་རྡོ་གྲང་མོས་བདུག་སྣ་ཁྲག་སྐར་ཆུ་འདག་པ་ནག་པོས་བདུག་ཆང་གི་སྦང་མས་རྨ་ལ་འཇིབ་བྱེད་པ་སོགས་གདོད་མའི་དམངས་ཁྲོད་ཀྱི་དཔྱད་ཐབས་སྟབས་བདེ་དེ་དག་ལ་བརྟེན་ནས་ནད་ཞི་བར་བྱེད་པ་བཅས་སོ།གཡུང་དྲུང་བོན་གྱི་དཔེ་རྙིང་<<དབུ་ནག་མིའུ་འདྲ་ཆགས་>>ལས་རྗེ་གཉའ་ཁྲི་བཙན་པོའི་ཞལ་ནས།ས་མ་གི་ན་རྐྱེན་སྣ་ཚོགས་ཡོད། རྐུ་ཡོད། དུག་ཡོད། སྡང་ཡོད། དགྲ་ཡོད། གདོན་ཡོད།རྫུན་ཡོད། ཅན་ཡོད། བྱད་ལྡེབས་ཡོད། གཡོ་ཡོད། ང་མི་འགྲོ་གསུངས་མ་གནང་ངོ་།ཡང་བསྐྱར་རེ་ཞུས་པ། རྐུ་ལ་ལན་མཆིས། སྡང་ལ་བྱམས་མཆིས། དུག་ལ་སྨན་མཆིས།དགྲ་ལ་ཟིན་མཆིས ཞེས་གསུངས།དུས་དེར་སྨན་ཞེས་པའི་ཐ་སྙད་དེ་ཐོག་མར་བྱུང་བ་ཙམ་མ་ཟད་གདོང་མའི་དུས་ཀྱི་སྨན་དཔྱད་རིག་པ་ཐོག་མ་རྙེད་པ་ལུང་རིག་གཉིས་ཀས་དཔྱད་ཐུབ།

    གཤེན་རབ་མི་བོ་ཆེའི་སྐུ་དུས་སུ་གཡུང་དྲུང་བོན་གྱི་གསོ་རིག་གཞུང་ལུགས་དར་བ་དང་ཁྱད་པར་དུ་གཏར་བསྲེག་བྱུགས་གསུམ་གྱི་སྨན་དཔྱད་རིམ་བཞིན་གོང་འཕེལ་ཏེ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བའི་བོད་ཀྱི་གསོ་རིག་གི་ནང་དོན་གལ་ཆེ་ཞིག་ཏུ་གྱུར་མདོར་ན་གཡུང་དྲུང་བོན་གྱི་ཚེ་རིག་གམ་གསོ་རིག་ནི་གཞུང་ལུགས་དང་སྨན་རྫས་རིག་པ་བརྟག་ཐབས་རིག་པ་གསོ་ཐབས་རིག་པ་སོགས་གལ་ཆེ་ཞིག་ཡིན།


རིགས་མཐུན་ནང་དོན།
  • ༄༅།།བཙན་པོ་མེས་ཨག་ཚོམ་དང་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་གསོ་རིག་གཞུང་ལུགས་མ་ལག་གསར་དུ་བཏོད་པའི་སྐོར།
  • ༄༅།།གསོ་བ་རིག་པའི་བྱུང་འཕེལ།
  • ༄༅༎རླུང་མཁྲིས་བད་ཀན་གསུམ་གྱི་མིང་གི་བྱུང་ཚུལ་ལ་དཔྱད་པ།
  • ༄༅།། རྒྱུད་བཞིའི་འབྱུང་ཁུངས་ལ་རགས་ཙམ་དཔྱད་པ།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019