༄༅།། སྒྲོ་ཡི་ཕན་ནུས།
དུས་ཚོད། 2009-6-8 11:18:44 ཀློག་གྲངས་ཐེངས།901
      རྨ་བྱའི་མདོངས་ཀྱིས་སྤུ་དུགས་གློ་རྣག་སེལ།། གཟུགས་མོའི་བྱི་ཐུར་དེ་དང་མཚུངས་པ་ཡིན།། འུག་སྒྲོས་དམུ་ཆུ་སྐེམ་ལ་གློ་རྣག་འདྲེན།། སོ་བྱའི་མཇུག་སྒྲོས་དྲི་ཆུ་འགགས་པ་འབྱིན།། གོ་སྒྲོས་གདོན་འཇོམས་ཆུ་རྣམས་སྐེམ་པར་བྱེད།། གཟུགས་མོ་པུ་ཤུད་བྱ་རོག་སྒྲོས་གདོན་འཇོམས།། འུག་པུད་བྱ་རོག་ཁྭ་ཏའི་སྒྲོས་ཀུན་སྒྲིབ།། ཁྲ་དང་གོང་མོའི་མཇུག་སྒྲོས་མོ་ནད་སེལ།། ཕུག་རོན་བྱ་སྦབ་སྒྲོ་ཡིས་གློ་ནད་སེལ།། སྲིན་བྱས་འབྱུང་གདོན་བྱ་ལེབ་མངལ་ནད་འབྱིན།།


རིགས་མཐུན་ནང་དོན།
  • ༄༅།། པགས་པའི་ཕན་ནུས།
  • ༄༅།། ཁྲག་གི་ཕན་ཡོན།
  • ༄༅།། ཚིལ་བུའི་སྨན་གྱི་ཕན་ནུས།
  • ༄༅།། རྐང་མར་སྨན་གྱི་ཕན་ནུས།
  • ༄༅།།རུས་པའི་སྨན་གྱི་ཕན་ནུས།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019