ནང་གསེས།:     ནད་གཞི་དོགས་འདྲི།    |    ནད་ཐོག་ལག་ལེན།    |    གཞུང་ལུགས་བརྗེ་རེས།    |    འདྲི་གཞི་གཞན།    |      
==མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།== 2010-12-16 10:38:29
ངེད་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་དང་ཞག་སྡོད་ཐོག་ཁང་གི་སྨན་བཅོས་ཞབས་ཞུ་དང་གསོ་བཅོས་ཁོར་ཡུག་སོགས་གང་ཡིན་གྱིས་ཕྱོགས་ལ་བསམ་འཆར་དང་རེ་བ་འདོན་རྒྱུ།
 
ད་ནི་ངོས་1ཡིན། འགོ་ངོས། << 1  2  3  4  5  6 >>   མཇུག་ངོས། སྤྱི་ངོས་6ཡོད།
དར་རྒྱས་ 2012-3-22 21:9:3
  སྨན་པ་ལགས། བདག་གི་ལུས་སྟེང་དུ་རྟག་པར་རྔུལ་ཆུ་ཡོང་བ་མ་ཟད། ལྷག་པར་དགོངས་མོར་ལུས་ཡོངས་སུ་རྔུལ་ཆུ་ཐོན་ཡོང་གི་འདུག སྨན་པ་འགའ་རེས་བཤད་ན་དེ་གློ་གཅོང་གི་ནད་ཡིན་ཟེར། འོན་ཀྱང་ངས་སྨན་ཁང་ནས་བརྟག་དཔྱད་བྱས་ཀྱང་དེ་གློ་གཅོང་མ་རེད་ཟེར། འོ་ན་ནད་དེ་གང་ཡིན་བཤད་ཐུབ་རྒྱུ་རེད་དམ། ཡང་ལུས་ཐོག་ཏུ་དེ་འདྲའི་རྔུལ་ཡོང་རྒྱུ་ཡོད་པའི་ནད་གཞན་དག་ག་འདྲ་ཡོད་རྒྱུ་རེད། ལན་ཞིག་ཡོད་པའི་རེ་འདུན་ཆེན་པོ་ཡོད། དར་རྒྱས་ནས།
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། ཐོག་མར་གློ་གཅོང་ནད་ལ་ངེས་འཛིན་པ་ཡིན་ལ། གལ་ཏེ་བརྟག་དཔྱད་བྱས་པ་བརྒྱུུད་གློ་ནད་མིན་པར་ཐག་བཅད་པ་ཡིན་ན། ལུས་སྟོབས་ཞན་པར་འབྲེལ་བ་ཡོད་པར་ངེས་འཛིན། རྒྱུན་པར་ན་ནས་ལུས་ཟུངས་ཞན་པའི་ནད་པར་ཡང་ནད་རྟགས་དེ་མངོན་པ་ཡིན།
 
སྲས་མོ 2012-3-5 15:44:35
  སྨན་པ་ལགས། ང་ནི་སྐྱེས་མ་ཞིག་ཡིན་ལ་ངའི་ལུས་ཐོག་ཏུ་དུས་རྒྱུན་དུ་རྨ་ཅུང་ཙམ་འབུད་ཅིང་དབྱར་དུས་ལུས་ཡོངས་ལའབུད ཁྲུས་བྱས་ནའང་འབུད འབུད་སྟངས་ནི་ཐོག་མར་ཆུང་ཆུང་ཡིན་ལ་ནང་ལ་ཆུ་སེར་ཡོད་། དེ་རྗེས་ཕན་ཚུན་འདྲེས་ནས་གོར་གོར་བྱས་ནས་རྣག་འགྲོ ཟ་འཕྲུག་ཧ་ཅང་ཆེ འདི་ལ་བཅོས་ཐབས་འདྲ་ཨེ་ཡོད་ལགས
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། པགས་ནད་དེའི་རིགས་ལ་བྱུགས་ཁྱུང་དང་འཆི་མེད་སྲིན་སེལ་སོགས་བསྟེན་ན་ཕན་ཡང་། རབ་ཡིན་ན་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཏེ་སྨན་པའི་མངག་བྱར་ཉན་ན་བཟང་།
 
གནོད་སྦྱིན་ 2012-3-4 13:13:0
  པགས་ནད་ཚན་ཁགས་ལགས་ང་རང་ནི་ལོ་ཉེར་བརྒྱད་ཡིན་ལ་ངའི་ངོར་རྨ་བུད་ནས་ཟ་ཕྲུག་ཧ་ཅིང་ཆེ་བའི་འདི་ལ་ཁྱེད་ཚོས་སྨན་པ་སྐར་མ་ཚོགས་གཉིས་ལགས་ཀྱི་ཁ་པར་ཨང་གྲངས་ཞིག་བསྐུར་རྒྱུ་གལ་ཆེ་
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། རྒན་སྐར་མ་ཚོགས་གཉིས་ལགས་ངེད་སྨན་ཁང་དུ་བྱ་བ་གཉེར་བཞིན་མེད་ལ་ཁ་པར་ཨང་གྲངས་མི་ཤེས་བས་དགོངས་འགལ་མེད་པར་ཞུ།།
 
འ་ཞ་སྐྱབས། 2012-3-3 23:31:10
  མཆིན་ནད་ལ་སྨན་གང་བསྟེན་ན་བཟང་། སྨན་པའི་ལན་གསལ་པོ་ཞིག་གསུངས་རོགས།
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། མཆིན་ནད་ལ་རིགས་མང་པས་ནད་རྟགས་གསལ་བོ་བཤད་རྒྱུ་དང་ཡང་བརྟག་དཔྱད་བྱས་པའི་མཇུག་འབྲས་ཤོད་དང་སྨན་གང་ཕན་ལན་གསལ་བོ་ཞིག་གདབ་ངེས།
 
རྒྱ་རྒྱ 2012-3-3 0:37:34
  ༄༅།། སྨན་པ་ལགས། ང་ཚོ་མིའི་རིགས་ལ་སྐྱེས་དང་བུད་མེད་གཉིས་ཡོད་འོན་ཀྱང་བུད་མེད་ལ་ཟླ་རེ་བཞིན་མངལ་ནས་ཟླ་མཚན་འབབས་པ་ཡིན། དེ་བཞིན་སྲོག་ཆགས་ལ་མོའི་རིགས་ལ་ཟླ་མཚན་འབབས་རྒྱུ་ཡོད་དམ།
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། སྲོགས་ཆགས་ལ་འོ་གསོའི་སྲོགས་ཆགས་དང་བློ་ལྡན་སྲོགས་ཆགས་རིགས་གཉིས་ཡོད་དེ། དེ་ལས་འོ་གསོའི་སྲོགས་ཆགས་ཀྱི་མོའི་རིགས་ལ་ཟླ་མཚན་འབབ་རྒྱུ་མེད་པ་དང་། བློ་ལྡན་སྲོགས་ཆགས་རིགས་ཀྱི་མོའི་རིགས་ལ་ཟླ་མཚན་འབབ་རྒྱུ་ཡོད་ལ་ཟླ་རེར་ཐེངས་རེར་ཡོད་པ་ཡིན། སྲོགས་ཆགས་གང་དག་རིགས་གང་ལ་གཏོགས་པར་རེ་རེ་བཞིན་རྒྱས་པར་སྤྲོས་ན་མང་དོགས་པས་རང་ཉིད་ནས་དེའི་སྐོར་གྱི་དཔེ་ཆ་གཟིགས་རོགས་ཞུ།
 
བསང་ བྱིས་བློ། 2012-2-29 18:39:29
  སྤྱི་གཉེར་བ་ལགས་ ངའི་ལུས་སྟེང་ལ་ཟ་འཕྲུག་ལང་ནས་འཕྲུག་ཚེ་སྤྲང་འབུར་མང་པོ་ཐོན་ཡོང་བའི་དེ་སྨན་གང་འཐུང་ན་བཟང་ལགས། རྒྱ་སྨན་འགའ་རེ་སྟེན་ནའང་ཉིན་ཁ་ཤེས་མ་རྟོག་མི་ཕན་གི་ལགས།
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། ནད་དེའི་རིགས་རྒྱུ་རྐྱེན་གསལ་བོར་བརྟག་རྗེས་སྨན་བརྟེན་ན་བཟང་ལ་ནད་ཀྱི་རྒྱུ་རྐྱེན་གསལ་བོ་མ་ཤེས་པར་སྨན་གང་འདོད་དུ་མི་བསྟེན་པར་གལ།
 
ཕུར་བུ 2012-2-29 9:1:31
  སྨན་པ་ལགས
གློ་བའི་ཐད་ཀྱི་རྒྱབ་ངོས་ནས་གཟེར་ཡུན་རིང་པོ་གཟེར་འདུག་པས་སྨན་གང་སྟེན་ན་ལེགས་གསུང་རོགས།
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། རྒྱབ་ངོས་ནས་གཟེར་བ་གློ་བའི་ནད་རྟགས་ཡིན་པའི་ངེས་པ་མེད་ལ། གཞན་ནད་རྟགས་ག་འདྲ་འདུག་པ་དང་སྔོན་ཆད་བརྟག་དཔྱད་བྱས་མྱོང་མེད་གསལ་བོ་ཤོད་དང་དེ་ལ་ཕན་པའི་སྨན་མིང་མཁོ་སྤྲོད་བྱེད་ངེས།
 
རིག་ལྡན 2012-2-17 19:15:49
  སྨན་པ་ལགས། བདག་གིས་སྨན་ལ་སྦྱོང་འདོད་ཀྱི་རེ་བ་ཆེན་པོ་འདུག བྱ་བ་ཅི་ཡང་མེད། ལོ་40ཡིན རང་དང་འཚམས་པའི་སྨན་ལ་སྦྱངས་སའི་སློབ་གྲྭ་ཞིག་ངོ་སྤྲོད་བྱེད་རྒྱུ་རེ་བ་ཆེ། ་སྨན་གྱི་མཐོ་འབྲིང་གི་ལག་རྟགས་ཤིག་བླངས་ཡོད་། འདི་ལ་ལན་ཞིག་འདེབས་པར་སྐུ་དྲིན་ཆེ།
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། ཁྱེད་ཀྱི་སྐད་ལན་དུས་ལྟར་གདབ་མ་ཐུབ་པར་དགོངས་དག་ཞུ། ཁྱེད་ལ་སྨན་སྦྱོང་འདོད་ཀྱི་སེམས་ཤུགས་ཆེ་བར་ངེད་ནས་རྒྱབ་སྐྱོར་བྱེད་ངེས་ལ། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། མགོ་ལོག་ཁུལ་སོགས་སུ་རྒྱལ་གཉེར་འཕྲོད་བསྟེན་སློབ་གྲྭ་ཡོད་པས་དེ་ལས་སློབ་སྦྱང་བྱས་ནས་ལག་རྟགས་བླངས་ཆོག་ལ། རིམ་པ་བཞིན་ཟི་ལིང་གྲོང་ཁྱེར་དུ་དར་མའི་སློབ་ཆེན་ཡོད་ལ་དེ་རུ་བོད་སྨན་འཛིན་གྲྭ་བཙུགས་ཡོད་པས་དེ་ནས་བསླབ་གཉེར་བྱས་ནས་སློབ་ཆེན་ལགས་རྟགས་བླངས་ཆོག རིམ་བཞིན་སྨན་པའི་ལགས་རྟགས་ལ་རྒྱུགས་སྤྲོད་དགོས།
 
ཤེར་ཆུང་། 2012-1-28 19:23:14
  མཁྲིས་པ་ཤ་སེར་མིག་སེར་ལ་སྨན་གང་བསྟེན་ན་ལེགས་སམ།
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། དེ་ལ་ཏིག་ཏ་ཉེར་ལྔ་བསྟེན་ན་བཟང་ཡང་སྨན་ཁང་དུ་སོང་ནས་བརྟག་དཔྱད་གསལ་པོ་ཞིག་བྱེད་རྒྱུ་གལ།
 
བཀྲ་ཤིས་ནོར་བུ 2012-1-27 16:48:16
  སྨན་པ་ལགས། ངའི་ཨ་ཕའི་ཁྲག་མགོ་(100/190|)དུས་རྒྱུན་མཐོ་འདུག་པས་སྨན་ཅི་འདྲ་ཟོས་ན་བཟང་རྒྱུ་རེད། ཡང་ན་རྒྱ་སྨན།
ཐུགས་རྗེ་ཆེ།
སྤྱི་གཉེར་བའི་ལན།  
  གྲོགས་པོ་ལགས། དེར་སྐྱུ་རུ་ཉེར་ལྔ་བསྟེན་ན་ཕན།
 
ད་ནི་ངོས་1ཡིན། འགོ་ངོས། <<  1  2  3  4  5  6  >>   མཇུག་ངོས། སྤྱི་ངོས་6ཡོད།
སྐད་འཇོག་པ།
མིང་། ནང་གསེས། གཤེར་ཨང་། 9159
བརྗོད་དོན།
མཉམ་འཇོག་ས།
◇སྐད་བཞག་པའི་ནང་དོན་བདག་གཉེར་པའི་ཞིབ་གཤེར་བྱས་རྗེས་མདུན་ངོས་སུ་ཤར་ཐུབ།
ནང་དོན་ལ་བོད་ཀྱི་གསོ་རིག་ལས་དོན་དང་འབྲེལ་བ་ཡོད་པ་ལས་དགོས་མེད་ཀྱི་གཏམ་མི་འབྲི་རྒྱུ་འཚལ།
.
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།